Konstitucija tibetiečių kalba

Užupio Respublikos Konstitucija tibetiečių kalba

རྩ་ཁྲིམས

  1. མི་ཚང་མར་ཝིལ་ནེ་གཙང་པོའི་འགྲམ་དུ་གནས་སུ་བསྡད་རྒྱུའི་དབང་ཆ་ཡོད། ཝིལ་ནེ་གཙང་པོ་ཁོ་རང་ལ་མི་ཚང་མའི་འགྲམ་ནས་རྒྱུག་རྒྱུའི་དབང་ཆ་ཡོད།
  2. དགུན་ཁ་ཆུ་ཚ་པོ་དང་ནང་ཁྱིམ་ནང་ཐོག་འགེབ་པའི་ཆ་རྐྱེན་ཐོབ་ཐང་ཚང་མ་ལ་ཡོད།
  3. མི་ཚང་མར་ཤི་རྒྱུའི་དབང་ཆ་ཡོད། ངེས་པར་དུ་ཤི་དགོས་ཟེར་བ་སུ་ལའང་དབང་ཆ་མེད།
  4. མི་ཚང་མས་བྱ་བ་གང་བྱེད་ཀྱང་ནོར་འཁྲུལ་བྱེད་རྒྱུའི་དབང་ཆ་ཡོད།
  5. མི་ཚང་མར་གཅིག་པུ་ཡིན་པའི་ཐོབ་ཐང་ཡོད།
  6. བརྩེ་བ་བྱེད་རྒྱུའི་ཐོབ་ཐང་ཡང་ཚང་མ་ལ་ཡོད།
  7. གཞན་གྱིས་མ་བརྩེ་བའི་ཐོབ་ཐང་ཡང་ཚང་མ་ལ་ཡོད། འོན་ཀྱང་ངེས་པར་དུ་མ་ཡིན།
  8. མི་ཚང་མར་གྲགས་མེད་དང་ངོ་མ་ཤེས་པར་གནས་པའི་ཐོབ་ཐང་ཡོད།
  9. ལེ་ལོ་ཅན་ཡིན་ཀྱང་ལེ་ལོ་བྱ་རྒྱུའི་དབང་ཆ་ཚང་མར་ཡོད།
  10. ཞི་མི་ལ་བརྩེ་བ་བྱེད་རྒྱུའི་ཐོབ་ཐང་ཡོད།
  11. ཁྱི་མ་ཤི་བར་དུ་བལྟ་རྟོག་བྱེད་རྒྱུའི་ཐོབ་ཐང་ཡོད།
  12. ཁྱི་དེ་ཁྱི་ཡིན་པའི་ཐོབ་ཐང་ཡོད།
  13. ཞི་མི་ལ་དུས་རྟག་ཏུ་བདག་པོར་བརྩེ་དགོས་མེད་ཀྱང་དགོས་པའི་དུས་སུ་རོགས་པ་བྱེད་དགོས།
  14. ལས་འགན་གང་ཡོད་སྐབས་རེ་མ་ཤེས་པའི་ཐོབ་ཐང་ཀུན་ལ་ཡོད།
  15. ཐེ་ཚོམ་བྱ་རྒྱུའི་ཐོབ་ཐང་ཀུན་ལ་ཡོད།
  16. སྐྱིད་པོ་བྱ་རྒྱུའི་ཐོབ་ཐང་ཀུན་ལ་ཡོད།
  17. མ་སྐྱིད་པོ་བྱ་རྒྱུའི་ཐོབ་ཐང་ཀུན་ལ་ཡོད།
  18. ཁ་ཁུ་སིམ་པོར་སྡོད་པའི་ཐོབ་ཐང་ཀུན་ལ་ཡོད།
  19. ཆོས་དད་རང་མོས་ཀུན་ལ་ཡོད།
  20. དྲག་བསྣོན་བྱ་རྒྱུའི་ཐོབ་ཐང་སུ་ལའང་མེད།
  21. རང་ཉིད་གལ་ཆེན་པོ་མིན་པ་ཤེས་རྟོགས་པའི་ཐོབ་ཐང་ཡོད།
  22. གཏན་དུ་གནས་པ་ལ་བཙན་འཛུལ་བྱེད་པའི་ཐོབ་ཐང་སུ་ལའང་མེད།
  23. ཧ་གོ་པའི་ཐོབ་ཐང་མི་ཚང་མར་ཡོད།
  24. ཧ་མ་གོ་པའི་ཐོབ་ཐང་མི་ཚང་མར་ཡོད།
  25. མི་རིགས་གང་གི་མི་ཡིན་ཡང་ཚང་མར་ཐོབ་ཐང་ཡོད།
  26. སྐྱེས་སྐར་དུས་ཆེན་བྱེད་དང་མི་བྱེད་རྒྱུའི་ཐོབ་ཐང་ཡོད།
  27. རང་གི་མིང་དྲན་པའི་ཐོབ་ཐང་ཡོད།
  28. རང་ལ་གང་ཡོད་པ་གཞན་ལ་སྤྲོད་རྒྱུའི་ཐོབ་ཐང་ཡོད།
  29. རང་ལ་མེད་པ་གཞན་ལ་སྤྲོད་མི་ཐུབ།
  30. ཕུ་ནུ་གཅེན་གཅུང་དང་ཕ་མ་ཡོད་པའི་ཐོབ་ཐང་ཡོད།
  31. རང་དབང་བྱེད་པའི་ཐོབ་ཐང་ཚང་མ་ལ་ཡོད།
  32. རང་དབང་གི་འགན་ཁུར་རང་གིས་འཁུར་དགོས།
  33. ངུ་བའི་ཐོབ་ཐང་མི་ཚང་མ་ལ་ཡོད།
  34. གོ་བ་ལོག་པར་ལེན་པའི་ཐོབ་ཐང་མི་ཚང་མ་ལ་ཡོད།
  35. མི་གཞན་ལ་ཉེས་པ་འགེལ་བའི་དབང་ཆ་སུ་ལའང་མེད།
  36. མི་ཚང་མར་རང་ཉིད་ཡིན་པའི་ཐོབ་ཐང་ཡོད།
  37. མི་ཚང་མར་ཐོབ་ཐང་མེད་པའི་ཐོབ་ཐང་ཡོད།
  38. མི་ཚང་མར་མི་ཞེད་པའི་ཐོབ་ཐང་ཡོད།
  39. ཕམ་པར་མ་བྱེད།
  40. ཕྱིར་རྒོལ་མ་བྱེད།
  41. མགོ་མ་སྒུར།

Atidengimas 2012-10-11